ཀྲུང་དབྱང་དང་།ཞིང་ཆེན།ཁུལ།རྫོང་།གོང་རིམ་ཁྲིམས་ཁང་བཅས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་བསྒྲུབ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་།རིམས་ནད་སྔོན་འགོག་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ།མི་སྣ་འདུ་འཛོམས་ཉུང་དུ་བཏངས་ནས་རིམས་ནད་ཁྱབ་པ་བཀག་འགོག་བྱས་ཏེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་ལེན་བྱེད་པ་དང་།དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་ཆེད།འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར།རང་ཁྲིམས་ཁང་གིས་རིམས་ནད་སྔོན་འགོག་བྱེད་རིང་གྱོད་དོན་ཐོ་འགོད་དང་།འདྲི་གཅོད།ལག་བསྟར་སོགས་ཀྱི་གཏུག་བཤེར་ལས་དོན་ལ་དམིགས་སུ་བཀར་ནས་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
༼གཏུག་བཤེར་ཞབས་ཞུ་དུས་འགྱངས་བྱེད་པ༽
གཅིག《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་༢༠༢༠ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར།རང་ཁྲིམས་ཁང་གིས་སྔར་གཏན་འཁེལ་བྱས་པའི་ཁྲིམས་ར་འཚོག་རྒྱུ་དང་།བརྟག་དཔྱད།བར་འདུམ།ལག་བསྟར།ཡིག་སྐུར་ངོ་བཅར་སྣེ་ལེན་སོགས་གཏུག་བཤེར་ཞབས་ཞུའི་ལས་དོན་ཚང་མ་ནར་འགྱངས་བྱེད་རྒྱུ་ཡིན།སླར་གསོའི་དུས་ཚོད་རྗེས་སུ་བརྡ་ཐོ་གཏོང་ཡོང་།
གཉིས།གལ་ཏེ་དོ་བདག་དང་།གཏུག་བཤེར་ལས་ཚབ་པ།དག་འབུད་བྱེད་མཁན་སོགས་རིམས་ནད་སྔོན་འགོག་གི་དབང་གིས་ངེད་ཁྲིམས་ཁང་དུ་ཡོང་ནས་ཁྲིམས་རའི་ཞིབ་གཅོད་ལ་ཞུགས་མི་ཐུབ་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་དྲུག་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཞེ་དྲུག་པ།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས〉བཀོལ་སྤྱོད་བྱ་བའི་སྐོར་གྱི་འགྲེལ་བཤད》ཀྱི་དོན་ཚན་དོན་གཉིས་པའི་གཏན་འབེབས་ལྟར་ངེད་ཁྲིམས་ཁང་ལ་ཁྲིམས་ར་འཚོགས་པའི་དུས་ཚོད་དུས་འགྱངས་བྱེད་པའི་རེ་འདུན་ཞུས་ཆོག
༼དྲ་ཐོག་ལས་དོན་སྒྲུབ་གཉེར་ཇེ་ལེགས་དུ་གཏོང་བ༽
གསུམ།རིམས་ནད་སྔོན་འགོག་བྱེད་རིང་།གཏུག་བཤེར་ནང་ཞུགས་མཁན་གྱིས་མཚོ་སྔོན་དྲ་ཐོག་ཁྲིམས་ཁང་(http://www.qhwsfy.gov.cn/)།མཚོ་སྔོན་སྒུལ་བདེའི་ཁྲིམས་ཁང་ཆུང་ངུ(སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་ནས“མཚོ་སྔོན་སྒུལ་བདེའི་ཁྲིམས་ཁང་ཆུང་ངུ”འཚོལ་ཞིབ་བྱ)དང་༡༢༣༦༨ཐད་སྦྲེལ་ཁ་པར་སོགས་ཆ་འཕྲིན་ལས་སྟེགས་སྤྱད་ཏེ་དྲ་ཐོག་ནས་གྱོད་དོན་ཐོ་འགོད་དང་། གྲོན་གླ་སྤྲོད་པ། བར་འདུམ་བྱེད་པ། ཡིག་ཚགས་ལྟ་ཞིབ་སོགས་ཀྱི་གཏུག་བཤེར་བྱེད་སྒོ་སྤེལ་ཆོག མ་ཟད་ཁ་པར་དང་འཕྲིན་ཐུང་།སྐད་འཕྲིན། གློག་རྡུལ་སྦྲག་ཡིག་(ysnqfy@163.com)།ནང་ཆེན་མི་དམངས་ཁྲིམས་ཁང་གི་སྐད་འཕྲིན་སྤྱི་དམངས་ལས་སྟེགས་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲིམས་དཔོན་དང་།ལག་བསྟར་པ།འབྲེལ་ཡོད་ལས་དོན་མི་སྣ་བཅས་དང་འབྲེལ་བ་བྱས་ནས་འབྲེལ་ཡོད་གཏུག་བཤེར་ལས་དོན་བསྒྲུབ་ཆོགལས་ཡུལ་དངོས་སུ་མི་འགྲོ་བ་དང་། ཕྱི་རུ་ཉུང་དུ་འགྲོ་ནས་ཉེན་ཁ་ཆུང་དུ་གཏོང་དགོས།
བཞི།རིམས་ནད་སྔོན་འགོག་བྱེད་རིང་རང་ཁྲིམས་ཁང་གིས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ནས་གནས་སྐབས་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་རེ་ཞུ་བདག་སྤྲོད་མི་བྱེད།ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་དགོས་མཁོ་ཡོད་པའི་མི་དམངས་མང་ཚོགས་ཀྱིས་ཡིག་ཆ་གློག་རྡུལ་སྦྲག་རྫས་བརྒྱུད་ནས་བསྐུར་པའམ་ཡང་ན་སྦྲག་ཐོག་ནས་རང་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཐན་ལ་བསྐུར་ཏེ་ཐོ་འགོད་བྱེད་དགོས།
ལྔ།རིམས་ནད་སྔོན་འགོག་བྱེད་རིང་།རིམས་ནད་སྔོན་འགོག་གི་དབང་གིས་དུས་ལྟར་གྱོད་གཏུག་མི་ཐུབ་པ་དང་།ཁྲིམས་རར་ཞུགས་མི་ཐུབ་པ།གོང་གཏུག་ཡིག་ཆ་སྤྲོད་མི་ཐུབ་པ།གྱོད་གླ་སྤྲོད་མི་ཐུབ་པ།བཙན་ཤེད་ལག་བསྟར་རེ་ཞུ་བྱེད་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཡོད་ན།ཁ་པར་དང་།སྐད་འཕྲིན།སྦྲག་ཐོག་སྐུར་བ་སོགས་དྲ་ཐོག་ནས་དེ་མཚུངས་ཀྱི་ཁྲིམས་དཔོན་དང་འབྲེལ་བ་བྱས་ནས་ཁྲིམས་ལྟར་ཐོ་འགོད་དང་འབྲེལ་ཡོད་གཏུག་བཤེར་ལས་དོན་བསྒྲུབ་རྒྱུའི་རེ་ཞུ་བྱེད་ཆོག
༼ལག་བསྟར་གྱི་ཞིབ་བཤེར་ཚོད་འཛིན་དྲ་ཐོག་ནས་སྒྲུབ་རྒྱུ༽
དྲུགརིམས་ནད་སྔོན་འགོག་གྱི་རྐྱེན་གྱིས་ལག་བསྟར་ལས་དོན་གནས་སྐབས་མཚམས་འཇོག་དང་གནས་སྐབས་ལག་ལེན་མི་བྱེད་པའི་དོན་ཚན་ནི།ལག་བསྟར་གྱོད་གཞིའི་སྒྲུབས་རིངས་ནར་འགྱངས་བྱེད་རྒྱུ་ཡིན།ལག་བསྟར་གྱོད་གཞི་རྒྱུད་རྒྱུ་ནོར་ཞིབ་བཤེར་ཚོད་འཛིན་གྱི་བྱ་ཐབས་དང་འབྲེལ་བ་ཡོད་ཚེ་དྲ་ཐོག་ཞིབ་བཤེར་ཚོད་འཛིན་གྱི་གཉེར་སྒྲུབ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ལག་བསྟར་ཁྲིམས་དཔོན་གྱིས་དྲ་ཐོག་ནས་ལག་བསྟར་བྱ་ཡུལ་ལ་རང་འགུལ་ངང་རྒྱུ་ནོར་གྱི་ཁུངས་སྣེ་སྙན་སེང་ཞུ་བའི་འོས་འགན་བསྒྲུབ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན།དེའི་རིང་ལག་བསྟར་བྱ་ཡུལ་སོགས་ལ་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་པའི་སྐོར་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད།ལག་བསྟར་མི་བྱེད་མཁན་དང་ལག་བསྟར་ལས་གཡོལ་ཐབས་བྱེད་མཁན་ལ་དུས་འཚམས་ནས་རང་ཁྲིམས་ཁང་གིས་ཁྲིམས་ལྟར་འབྲེལ་ཡོད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན།
༼ས་གནས་དངོས་ནས་སྒྲུབ་དགོས་པ་ལ་བདེ་འཇགས་ཞིབ་བཤེར་གཏོང་དགོས༽
བདུན།རིམས་ནད་སྔོན་འགོག་བྱེད་རིང་།དམིགས་བསལ་གྱི་གནས་ཚུལ་བྱུང་ནས་ཁྲིམས་ཁང་དུ་ཡོང་ནས་སྒྲུབ་དགོས་ན།ཡོང་མཁན་མང་ཚོགས་ཀྱིས་སྔ་ནས་རང་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཐན་ལ་ཁ་པར་བཏང་ཏེ་ཐན་ཀྲང་གི་མོས་མཐུན་ཐོབ་རྗེས་ཁ་རས་གྱོན་ནས་ལུས་པོའི་དྲོད་ཚད་ཚད་འཇལ་དགོས།བདེ་འཇགས་ཞིབ་བཤེར་གྱི་དུས་ཚོད་ཅུང་རིང་སྲིད་པས་བདེ་འཇགས་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་བྱེད་རོགས།རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་བདེ་ཐང་བདེ་འཇགས་ཀྱི་ཆེད་དུ་ཡོང་མཁན་མང་ཚོགས་ཀྱི་ལུས་པོ་ལ་མི་བདེ་བའི་གནས་ཚུལ་ཡོད་ན་ཁྲིམས་ཁང་གི་བདེ་སྲུང་མི་སྣར་དུས་ཐོག་ཏུ་གསལ་བཤད་བྱེད་དགོས།གལ་ཏེ་ནད་གཞི་སྦས་གསང་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་ཚེ་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་བ་ཡིན།
བརྒྱད།བརྡ་ཁྱབ་འདིའི་ནང་འཁོད་བྱེད་ཐབས་ནི་མཚོ་སྔོན་ཞིང་ཆེན་གྱི་གློ་བུར་དུ་བྱུང་བའི་སྤྱི་ཡི་འཕྲོད་བསྟེན་དོན་རྐྱེན་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་མཚམས་འཇོག་དུས་འཇུག་རྫོགས་རྒྱུ་ཡིན།
དགུ།གལ་ཏེ་གནད་དོན་ཡོད་ན།༡༢༣༦༨དམ་ཡང་ན་རང་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ཁ་པར་ལས་འདྲི་རོགས་གནང་།༠༩༧༦-༨༨༧༣༧༠༤ ༠༩༧༦ -༨༨༧༣༧༠༩
རིམས་ནད་སྔོན་འགོག་བྱེད་རིང་རང་ཁྲིམས་ཁང་གི་ལས་དོན་ཁག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་མོད།འོན་ཀྱང་ང་ཚོས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པའི་དམིགས་ཡུལ་ལ་དམ་པོར་དམིགས་ཏེ་བདེ་འཇགས་དང་།སྟབས་བདེ།ནུས་ཆེ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན།
ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་།
༢༠༢༠ལོའི་ཟླ་༡ཚེས་༣༡ཉིན།